སྟག་ལྤགས་གྱོན་པའི་བོང་བུ།
བོད་ཀྱི་སྔོན་བྱུང་གཏམ་རྒྱུད་ཡིན་ན་ནི། སྔ་རབས་བོད་དུ་བྱུང་མྱོང་བའི་བོད་ཀྱི་རིག་གནས་དར་རྒུད་དང་བོད་མིའི་འཚོ་བ་ཡི་སྐྱིད་སྡུག་ཡིན་དགོས་པ་ལས་ཅིའི་ཕྱིར་བརྗོད་དོན་ཨ་རིའི་གནམ་གྲུའི་ཁ་ལོ་བ་ཞིག་གི་གཏམ་རྒྱུད་ཡིན་སོང་བ་རེད། མ་མཐའ་ཡང་། གད་སྙིགས་གློག་བརྙན་འདིའི་ཁ་བྱང་བོད་ཡུལ་དུ་ལྷུང་བའི་ཨ་རིའི་གནམ་གྲུའི་ཁ་ལོ་བ། ཡང་ན། མཁའ་དམག་རོ་སྦོ་ཐུ། བོད་མིས་བསྐྱབས་པའི་མཁའ་དམག་སོགས་གང་རུང་ཞིག་ཆོག་པ་ལ། ཅིའི་ཕྱིར་མི་རིགས་ཞིག་གི་བླ་སྲོག་དང་འབྲེལ་བའི་མིང་ཆེན་པོ་ཞིག་བཏགས་དགོས་སོང་པ་རེད། བོད་མི་ཞབས་འདྲེན་སྐོར་ཞིག་དང་ཁྱི་སྤྱང་ངན་འབྲེལ་གྱིས་བརྙན་ཞེན་པ་ཡོངས་ལ་མགོ་སྐོར་བརྙས་བཅོས་བྱས་པ་ལས་གཞན་ཅི་ཡང་མ་རེད།
© 本文版权归作者 扎更巴 所有,任何形式转载请联系作者。
这篇影评有剧透